Message on passing of Lama Densang

October 11, 2023

We are deeply saddened to learn of the news of the demise of Ven. Lama Densang Rimpoche.

Ven. Lama Rimpoche was a remarkable and devout Karma Kagyu Master and follower of H.H. Karmapa Sharmarnag. We are all aware and ever grateful to Ven. Lama for most his valuable contributions in the preservation and flourishment of Buddha Dharma in general and the Karma Kagyu Lineage in particular.

We feel most fortunate having had the opportunity to receive his advice and guidance in our activities in the past. We shall strive to continue to follow his advices and pray that his blessing will continue to benefit us all.

We offer our prayers that there will be no hindrances in the manifestation of his reincarnation.

Lastly we offer our heartfelt Condolences to all his disciples and followers all over the world.

With respects

གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ཡོངས་ལ་བཀའ་དྲིན་བླ་ན་མེད་པ་བླ་མ་དོན་བཟང་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཟིན་པའི་གནས་ཚུལ་

ཐོས་པས་སེམས་ཕམ་དང་བློ་འགྱོད་ཚད་མེད་བསྐྱེད།

དམ་པ་ཁོང་གིས་ཡོན་ཏན་གྱི་གཞི་མ་ཚུལ་ཁྲིམས་རིན་པོ་ཆེ་མིག་འབྲས་ལྟར་གཅེས་པར་འཛིན་ཅིང་། རིགས་ཀྱི་བདག་པོ་དཔལ་ ༧ རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་གཉིས་ལ་སངས་རྒྱས་དངོས་སུ་ཤེས་པའི་མོས་གུས་དང་ལྡན་པས་སྐུ་ཚེ་ཧྲིལ་པོ་བླ་མའི་དགོངས་པ་དང་། བཀའ་བརྒྱུད་པའི་བསྟན་དོན་སྲི་ཞུ་སྒྲུབ་པའི་ཆེད་དུ་བཏང་བ་ཞིག་ཡིན་པ་ཚང་མས་མཁྱེན་གསལ།

ངེད་བཀའ་བརྒྱུད་སྨོན་ལམ་ཚོགས་པ་ལའང་བླ་མ་རིན་པོ་ཆེ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་དང་མཐུན་འགྱུར་རོགས་འདེབས་སོགས་ཚད་མེད་པ་གནང་ཡོད་པས་བཀའ་དྲིན་སེམས་ནས་དྲན་སྟེ། དམ་པ་ཁོང་གི་ས་ལམ་ལ་བར་ཆད་མེད་པའི་གསོལ་འདེབས་དང་སྨོན་ལམ་ཞུ་བཞིན་ཡོད།

མཐའ་དོན། བླ་མ་རིན་པོ་ཆེ་མཆོག་གི་ཞལ་སློབ་དང་གཉེན་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་བཅས་སོ།། །།

Click on letter to enlarge