Kagyu Monlam Chenmo 2023 Announcement

November 22, 2023

Announcement for the kind attention of all Monasteries, Dharma Centers, devotees and friends.

I would like to inform you that following the advice and instructions of Thaye Dorje, His Holiness the 17th Gyalwa Karmapa, the 21st Kagyu Monlam Prayer 2023 will be held in Bodhgaya, Bihar after a gap of three years.

The Kagyu Monlam, like every year, will see thousands of students, monks, nuns and other venerables gather under the shade of the Bodhi Tree, the place where the historical Buddha attained enlightenment, and recite the Great Aspiration prayers for the continued growth of the Buddha Dharma in general and prosperity of the Karma Kagyu Lineage in particular.
The dates for this year’s Kagyu Monlam have been set for 15 – 21 December, 2023.

H.H. Karmapa hopes that many of you will be able to attend this most auspicious gathering, and looks forward to finally meeting you all in person.

TASHI DELEK
Kagyu Monlam Organising Committee

༄༅།། །།འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་དང་ཆོས་ཚོགས་ཁག་གི་གཙོས་དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་ལམ་ཞུ་གསོལ།

དེ་ཡང་སྒྲུབ་བརྒྱུད་བསྟན་པའི་བདག་པོ། ལྷ་མཆོག་མིག་མི་འཛུམ་གྱི་རྣམ་རོལ། ༧དཔལ་རྒྱལ་དབང་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གིས་དགོངས་གཞི་དང་ལམ་སྟོན་བཞིན། ད་ལན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ཉི་ཤུ་རྩ་གཅིག་པ། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཐམས་ཅད་དར་ཞིང་རྒྱས་པ་དང་། མཉམ་མེད་བཀའ་བརྒྱུད་པའི་བསྟན་པའི་སྲོག་ཤིང་། ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཞྭ་དམར་ནག་གཉིས་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་འགྲོ་དོན་འཕེལ་བ། འཛམ་གླིང་ཡུལ་གྲུ་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་འགྲོ་ཁམས་བདེ་བའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་བཅས་ཀྱིས་ཆེད་དུ་དམིགས་ཏེ། སྔར་རྒྱུན་བཞིན་སྟོན་པ་ཤཱཀྱ་མུ་ནེ་སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན་དུ། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ པའི་ཚེས་ ༡༥ ནས ༢༡ བར་ ཉིན་བདུན་རིང་འཚོག་རྒྱུ་གཏན་ཁེལ་པར་ལགས་ན་དེ་ལུགས་ཐུགས་སུ་ངེས་པར་འཚལ།། །།

ཕྱི་ལོ ༢༠༢༣ ཟླ་བ ༠༧ ཚེས་ ༡༢ ཉིན། བཀའ་བརྒྱུད་སྨོན་ལམ་ཐེབ་རྩ་ཁང་ནས།།