Happy 40th Birthday H.H. Gyalwa Karmapa

May 6, 2023

On the auspicious occasion of the 40th Birthday of His Holiness Gyalwa Karmapa Thaye Dorje, the Members of Kagyu Monlam Organizing Committee extend our best wishes.

We pray that he may live a long and healthy life.

May His Holiness’s omnipresence and teachings serve as an inspiration for all and may his activities and aspirations liberate all sentient beings.

With Respects

ཆོས་བརྒྱད་འཁོར་བའི་འཛིན་པ་ཡེ་ནས་བྲལ།།

རང་ཚུགས་ཏིང་འཛིན་ཟབ་མོའི་ངང་དུ་གནས།།

ཐུགས་རྗེ་བྱམས་པའི་འཛུམ་ཞལ་ཀུན་ལ་མཉམ།།

མཇལ་ན་དགའ་བའི་ཀརྨ་པ་ལ་གུས།།

ཞེས་ཤིས་བརྗོད་ཚིག་གི་མེ་ཏོག་གིས་མདུན་བསུས་ཏེ། དུས་གསུམ་སངས་རྒྱས་ཀུན་གྱི་རང་གཟུགས།། སྒྲུབ་བརྒྱུད་བསྟན་པའི་བདག་པོ། ༧ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་བཞི་བཅུ་ཧྲིལ་པོར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ། གུས་སློབ་འབངས་ཡོངས་ཀྱིས་ལྷ་ཕྱག་གྲངས་མེད་ངང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། མགོན་པོ་གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ལན་བརྒྱ་སྟོང་དང་བཅས། བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེབས་རྩ་ནས། ཕྱི་ལོ ༢༠༢༣ ཟླ་བ ༠༥ པའི་ཚེས ༠༥ ཉིན།། །།